དུས་སྟོན་དང་ འཛོམས་འདུ་ཚུའི་ཞིབ་བལྟས་ཚུ།

དུས་སྟོན་དང་ འཛོམས་འདུ་ཚུའི་ཞིབ་བལྟས་ཚུ།

Hindi    Nepali    English

ཡུ་ནཱའི་ཊེཌ་ཨིས་ཊེཌས་ནང་ལུ་ཡོད་པའི་ མི་སྡེ་ལ་ལུ་ཅིག་གིས་ དུས་སྟོན་དང་ འཛོམས་འདུ་ཚུའི་འཆར་གཞི་དང་ འགོ་འདྲེན་འཐབ་ནི་འགོ་བཙུགསཔ་དང་གཅིག་ཁར་ ནད་གཞི་བཀག་འཛིན་དང་སྔོན་འགོག་ལྟེ་བ་གིས་ མི་ངོམ་དང་ མི་སྡེ་ཚུའི་ཉེན་སྲུང་ཡར་དྲག་གཏང་ནི་དང་ ཀོ་ཝིཊ་-༡༩ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ གཤམ་གསལ་གྱི་ཞིབ་བལྟས་ཚུ་ ཕུལཝ་ཨིན།དུས་སྟོན་འཆར་འགོད་པ་ཚུ་དང་ ལས་བྱེད་པ་ཚུ་གིས་ མངའ་སྡེ་དང་ས་གནས་ཀྱི་གསོ་བའི་ལས་བྱེད་པ་ཚུ་དང་གཅིག་ཁར་མཉམ་འབྲེལ་གྱི་ཐོག་ལས་ ས་གནས་ཀྱི་མི་སྡེའི་ཐུན་མོང་མ་ཡིན་པའི་དགོས་མཁོ་དང་ གནས་སྟངས་ཚུ་དང་མཐུན་ཚུགས་པའི་བདེ་སྒྲིག་བཟོ་སྟེ་ ཞིབ་བལྟས་འདི་ཚུ་ ལག་ལེན་འཐབ་ནི་ཨིན་ན་དང་ ག་དེ་སྦེ་ལག་ལེན་འཐབ་ནི་ཨིན་ན་ གཏན་འབེབས་བཟོ་ཚུགས།ཀོ་ཝིཊ་-༡༩ གི་ནད་འབུཔ་གི་ཁྱབ་སྤེལ་ཚུ་ མི་སྡེ་ཚུ་ནང་ སོ་སོ་ཨིནམ་ལས་ ཞིབ་བལྟས་ཚུ་གིས་ ངལ་གསོའི་སྐབས་འཛོམས་འདུ་རི་རི་འབད་དགོ་ས་ལུ་ ཆ་གནས་ཡོད་པའི་མངའ་སྡེ་དང་ ས་གནས་ དེ་ལས་ མངའ་ཁོངས་དང་ ཡང་ན་ རིགས་ཚན་གང་རུང་གི་གཟུགས་ཁམས་དང་ ཉེན་སྲུང་གི་ཁྲིམས་ལུགས་ དེ་ལས་ བཅའ་ཡིག་དང་སྒྲིག་གཞི་ཚུ་ལུ་ ལྷན་ཐབས་འབད་དགོཔ་དང་ སོར་ཚབ་འབད་ནི་མེན།འགོ་འདྲེན་པ་ཚུ་གིས་ ད་ལྟོའི་གནས་སྟངས་ཚུ་ལུ་གཞི་བཞག་སྟེ་ དགའ་སྟོན་འདི་ ཕར་འཕུལ་རྐྱབ་ནི་དང་ ཆ་མེད་གཏང་ནི་ ཡང་ན་ མི་ངོམ་གྱི་གྱངས་ཁ་ རྒྱ་ཆེ་དྲགས་སྦེ་མར་ཕབ་འབད་ནི་ཨིན་ན་ཚུ་ འཕྲོ་མཐུད་དེ་རང་ བརྟག་ཞིབ་འབད་དགོ།

ཤོག་གྲངས་འདི་ནང་ ཐོ་བཀོད་འབད་དེ་ཡོད་པའི་ཞིབ་བལྟས་ཚུ་ བསྐྱར་ཞིབ་འབད་ཚར་བའི་ཤུལ་ལུ་ དུས་སྟོན་འཆར་འགོད་པ་དང་ བདག་སྐྱོང་པ་ཚུ་གིས་ ལས་གཡོགཔ་དང་ ཁས་བླངས་པ་ དེ་ལས་ བཅའ་མར་གཏོགས་མི་ཚུ་ཉེན་སྲུང་འབད་ཐབས་ལུ་ ནད་གཞི་བཀག་འཛིན་དང་སྔོན་འགོག་ལྟེ་བའི་ དུས་སྟོན་དང་འཛོམས་འདུ་གི་གྲ་སྒྲིག་དང་འཆར་གཞི་གི་ལག་ཆས་ཚུpdf iconལག་ལེན་འཐབ་ཚུགས།

ལམ་སྟོན་གྱི་རྣམ་གཞག་ཚུ།

    • སྤུང་འཛོམས་ཟེར་མི་འདི་ མི་སྡེའི་དུས་སྟོན་ ཡང་ན་ འཛོམས་འདུ་དང་ གླུ་གཞས་ཀྱི་ལས་རིམ་ དེ་ལས་ དུས་སྟོན་དང་ ཞལ་འཛོམས་ རུ་སྒྲིག་འགྲེམས་སྟོན་ གཉེན་གྱི་རྟེན་འབྲེལ་ ཡང་ན་ རྩེད་རིགས་ཀྱི་དུས་སྟོན་བཟུམ་མའི་ ཁྱིམ་གྱི་ནང་ན་དང་ ཕྱི་ཁ་ལུ་ འཆར་གཞི་བརྩམ་ཡོདཔ་དང་ ཡང་ན་ འཆར་གཞི་མེད་པར་ མི་གྲངས་ཉུང་སུ་ཅིག་བཅའ་མར་གཏོགས་ནི་དང་ ཡང་ན་ མི་གྲངས་ལེ་ཤ་གྲལ་གཏོགས་འབད་མི་དུས་སྟོན་ཅིག་ལུ་སླབ་ཨིན།
    • མི་ངོམ་གཅིག་གིས་ སྤུང་འཛོམས་འབད་སར་ མི་ག་དེ་མང་མང་དང་འབྲེལ་བ་འཐབ་ནི་དང་ འབྲེལ་བའི་དུས་ཡུན་འདི་ ག་དེ་མང་མང་གནས་ཐུབ་ཚུན་ ཀོ་ཝིཊ་-༡༩ གིས་ནད་ཟུན་ནི་དང་ ཀོ་ཝིཊ་-༡༩ ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་ཆེ་སུ་འོང་ནི་ཨིན།
    • འཛོམས་འདུ་འགོ་འདྲེན་འཐབ་སའི་ས་ཁོངས་ནང་ མི་སྡེའི་ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་ཆེ་སུ་ཡོད་ཚེ་སྤུང་འཛོམས་འབད་བའི་སྐབས་ ཀོ་ཝིཊ་-༡༩ ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་ཡང་ ཆེ་སུ་འོང་ནི་ཨིན།
    • དུས་སྟོན་ ཡང་ན་ འཛོམས་འདུའི་སྦོམ་ཆུང་དེ་ མངའ་སྡེ་དང་ ས་གནས་ དེ་ལས་ མངའ་ཁོངས་ ཡང་ན་ རིགས་ཚན་གྱི་ཉེན་སྲུང་གི་ཁྲིམས་ལུགས་དང་ སྒྲིག་གཞི་ཚུ་ལུ་ གཞི་བཞག་སྟེ་ཐག་བཏོག་དགོ།

    དུས་སྟོན་དང་འཛོམས་འདུ་ཚུ་ནང་ ཀོ་ཝིཊ་-༡༩ ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་ཚུ་ གཤམ་གསལ་ལྟར་ཡར་སེང་འགྱོ་ནི་ཨིན་:

ཉེན་ཁ་ཆུང་ཤོས།དངོས་མེད་ཡོངས་འབྲེལ་ཐོག་ལས་ – ལས་དོན་དང་ དུས་སྟོན་ དེ་ལས་ འཛོམས་འདུ་ཚུ་རྐྱངམ་ཅིག།

ཉེན་ཁ་མངམ།ཟ་ཚན་སོ་སོ་ཚུ་ནང་ལས་མི་ངོམ་ཚུ་ བར་ན་ཉུང་ཤོས་ཕིཊ་༦ ༼ཡང་ན་ མི་ཊར་༢༽ གི་ས་སྟོང་བཞག་ནི་དང་ ཞལ་རས་ལག་ལེན་འཐབ་ནི་ དེ་ལས་ ཅ་དངོས་ཚུ་བརྗེ་སོར་མི་འབད་ནི་དང་ ས་གནས་ས་ཁོངས་གཅིག་ལས་འོང་སྟེ་ ༼དཔེར་ན་ མི་སྡེ་ ཁྲོམ་ ཁྲོམ་སྡེ་ཡང་ན་ རྒྱལ་ཁབ་༽ ཁྱིམ་གྱི་ཕྱི་ཁ་དང་ ངོ་འཛོམས་ཐོག་གི་ འཛོམས་འདུ་ཆུང་སུ་ཚུ།

ཉེན་ཁ་ཆེ་སུ་: མི་ངོམ་ཚུ་ བར་ན་ཉུང་ཤོས་ཕིཊ་༦ གི་ས་སྟོང་བཞག་ནི་དང་ བཅའ་མར་གཏོགས་མི་ཚུ་ ས་གནས་ས་ཁོངས་ཀྱི་ཕྱི་ལས་འོང་བའི་ ངོ་འཛོམས་ཐོག་གི་ འཛོམས་འདུ་བར་མ་ཚུ།

ཉེན་ཁ་ཆེ་ཤོས་: མི་ངོམ་ཚུ་ བར་ན་ཉུང་ཤོས་ཕིཊ་༦ གི་ས་སྟོང་བཞག་ནི་ནང་ ལཱ་ཁག་གཏང་ནི་དང་ བཅའ་མར་གཏོགས་མི་ཚུ་ ས་གནས་ས་ཁོངས་ཀྱི་ཕྱི་ལས་འགྲོ་འགྲུལ་འབད་བའི་ ངོ་འཛོམས་ཐོག་གི་ འཛོམས་འདུ་ཆེ་བ་ཚུ།

ཀོ་ཝིཊ་-༡༩ གི་ཁྱབ་སྤེལ་འགྱོ་ནི་ དམིགས་གཏད་བསྐྱེད་ནི།

ཀོ་ཝིཊ་-༡༩ འཐོབ་པའི་ནད་འབུཔ་ སཱརསི་-ཀོབ་-༢ དེ་ མང་ཆེ་བ་ལུ་ མི་ཚུ་བློ་སླབ་ནི་དང་ གློ་འཁོག་ནི་ དེ་ལས་ ཨག་ཚི་རྐྱབ་པའི་སྐབས་འཐོན་པའི་དབུགས་གཏོང་ལེན་དང་འབྲེལ་བའི་ཐིགས་པ་ཚུ་གིས་ཁྱབ་སྤེལ་འགྱོཝ་སྦེ་མནོ་སྟེ་འདུགནད་འབུཔ་དེ་ བཙོག་པ་ཞུགས་ཡོད་པའི་ཕྱི་ངོས་ལས་ ལགཔ་ལུ་དང་ དེ་ལས་ ལྷ་པ་དང་ ཁ་ ཡང་ན་ མིག་ཏོ་ཚུ་ལུ་ ཁྱབ་སྤེལ་འགྱོ་སྟེ་ འབུ་ནད་འཐོབ་སྲིད་པའི་བསམ་བློ་ཡང་འདུག དེ་འབདཝ་ལས་ རང་དོན་གྱི་སྔོན་འགོག་ལག་ལེན་ཚུ་༼ལགཔ་འཁྱུ་ནི་དང་ , ན་ཚ་ཕོག་པའི་སྐབས་ ཁྱིམ་ནང་སྡོད་ནི་ དེ་ལས་ , བར་ན་ ཕིཊ་༦ ཡང་ན་ མི་ཊར་༢ གི་ས་སྟོང་བཞག་ནི་དང་ ཞལ་རས་ལག་ལེན་འཐབ་ནི་བཟུམ་༽ དང་ མཐའ་འཁོར་སྔོན་འགོག་ལག་ལེན་ཚུ་༼འཕྱག་ནི་དང་ གཉན་སྲིན་བསལ་ནི་བཟུམ་༽ ནད་འབུཔ་ཁྱབ་སྤེལ་འགྱོ་ནི་ སྔོན་འགོག་འབད་ནིའི་གལ་ཅན་གྱི་ཐབས་ཤེས་ཨིན།

སྔོན་འགོག་གི་རྣམ་གཞག་འདི་ཚུ་ ཡིག་ཆ་འདི་ནང་ ཚུད་དེ་ཡོད།འདི་ཚུ་གིས་ དུས་སྟོན་འཆར་འགོད་པ་དང་ མི་ངོམ་ཚུ་ལུ་ འཛོམས་འདུ་དང་ དུས་སྟོན་ཚུ་གི་སྐབས་ ཀོ་ཝིཊ་-༡༩ གི་རེག་གཏོགས་དང་ ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་མར་ཕབ་འབད་ནི་ལུ་ ཕན་ཐབས་འབད་བའི་བྱེད་ལས་ཚུ་སྤྲོདཔ་ཨིན།

ཁྱབ་སྤེལ་མར་ཕབ་འབད་ཚུགས་པའི་སྤྱོད་ལམ་བཟང་པོ་ཚུ་ ཡར་དྲག་གཏང་ནི།

དུས་སྟོན་འཆར་འགོད་པ་ཚུ་གིས་ ལས་གཡོགཔ་དང་ བཅའ་མར་གཏོགས་མི་ཚུ་གི་གྱལ་ཁ་ ཀོ་ཝིཊ་-༡༩ ཁྱབ་སྤེལ་མར་ཕབ་འབད་ནིའི་སྤྱོད་ལམ་ཚུ་ སྤེལ་ཐབས་ལུ་ ཐབས་བྱུས་ཚུ་ལག་ལེན་འཐབ་དགོ།

  • ལགཔ་གཙང་ཏོག་ཏོ་སྦེ་བཞག་ནི་དང་ དབུག་བཏོང་ལེན་གྱི་ཀུན་སྤྱོད་རྣམ་གཞག
    • ལས་བྱེདཔ་ཚུ་ཕྲལ་ཕྲལ་འབད་ཡི་རང་ ༼དཔེར་ན་ ཤོག་འཛིན་མ་བཏོག་པའི་ཧེ་མ་དང་ བཏོག་པའི་སྐབས་ དེ་ལས་ ཤོག་འཛིན་བཏོག་ཚར་བའི་ཤུལ་མ། ཕྱགས་སྙིགས་གུ་ ལགཔ་འདོགས་པའི་ཤུལ་མ༽ ལགཔ་གླང་ལེབ་བཏབ་སྟེ་ དུས་ཡུན་སྐར་ཆ་ཉུང་ཤོས་རང་༢༠གི་རིང་ ཆུ་འཁྱུ་དགོཔ་མ་ཚད་ ལམ་ལུགས་འདི་ལུ་ གནས་ཐབས་ལུ་ བལྟ་རྟོག་དམ་དམ་འབད་དགོ
    • ག་དེ་ཅིག་འབད་ གླང་ལེབ་དང་ཆུ་ཚུ་མེད་པ་ཅིན་ ལས་བྱེདཔ་ཚུ་གིས་ ཆང་ཉུང་ཤོས་རང་བརྒྱ་ཆ་༦༠ཡོད་པའི་ སྨན་ཆུ་ལག་པར་དབུར་ཞིན་ན་ མ་སྐམ་ཚུན་ཚོད་ ལགཔ་འཕུར་ཡི་རང་སྡོད་དགོ
    • ལས་བྱེདཔ་ཚུ་ གློ་འཁོགཔ་ད་དང་ ཨག་ཚི་རྐྱབ་པའི་སྐབས་ལུ་ཁ་དང་ལྷ་པ་ཚུ་འཇམ་ཤོག་གིས་སྤུར་ནི་གི་སེམས་ཤུགས་འབྱིན་དགོལག་ལེན་འཐབ་ཚར་མི་འཇམ་ཤོག་འདི་ དེ་འཕྲོ་ལས་ ཕྱགས་སྙིགས་ཀྱི་ཧོད་ནང་བཀོ་དགོ་ཞིམ་ལས་ ལགཔ་གླང་ལེབ་བཏབ་སྟེ་ ཉུང་ཤོས་རང་ དུས་ཡུན་སྐར་ཆ་༢༠གི་རིང་  འཁྱུ་དགོ
    • བཅའ་མར་གཏོགས་མི་ཚུ་ལུ་ འཕྲལ་ཕྲལ་རང་ལགཔ་འཁྱུ་ནི་དང་ གློ་འཁོགཔ་ད་དང་ ཨག་ཚི་རྐྱབ་ད་ལུ་ ཁ་དང་ལྷ་པ་ཚུ་ སྤུར་བཅུག་དགོ
    • ཞལ་འཛོམས་དང་ རྩེད་རིགས་ཀྱི་ལས་རིམ་ཚུ་ནང་ལས་ཕར་ བཅའ་མར་གཏོགས་མི་ཚུ་གིས་ ཕྲལ་ཕྲལ་རང་ ལགཔ་མཐུདཔ་ནི་དང་ མཛོ་མཐུད་ནི་ཚུ་འབདཝ་ཨིན།ལས་རིམ་ཚུ་གི་སྐབས་ལུ་ འ་ནི་བཟུམ་འབད་ནི་ལས་འཛེམ་ནི་གི་དོན་ལུ་ བརྡ་རྟགས་ཚུ་༼དངོས་སུ་དང་ ཡང་ན་ འཕྲུལ་ཆས་ཐོག༽གསལ་སྟོན་འབད་བཞག་དགོ
  • ཁ་རས་ཚུ།
    • ལས་བྱེདཔ་ཚུ་གི་ནང་དོ་ ཁ་རས་ཚུ་ ལག་ལེན་འཐབ་དགོབར་ན་ལུ་ས་སྟོང་བཞག་མ་ཚུགས་པའི་སྐབས་ལུ་ ཁ་རས་ཚུ་  གནམ་མེད་ས་མེད་ཁག་ཆེཝ་སྦེ་རང་ཡོདཔ་ཨིན། ༼དཔེར་ན་ མི་ལེ་ཤ་སྦེ་ཡོད་ས་ལུ་ ཕར་ཚུར་འགྱོ་ནི་བའི་སྐབས༽
    • ལས་བྱེདཔ་ཆ་མཉམ་ལུ་ ཁ་རས་ལག་ལེན་འཐབ་ཐངས་དང་ཕུད་ཐངས་དེ་ལས་ཆུ་འཁྱུ་ཐངས་ཚུ་གི་སྐོར་ལས་བརྡ་དོན་འདི་ཚུ་འབྱིན་དགོ
    • ལས་བྱེདཔ་ཚུ་ལུ་ འོག་གི་ས་སྒོ་ཚུ་ནང་ལས་ཕར་ ཁ་རས་  བཞག་མ་བཏུབ་པའི་སྐོར་ལས་  བསླབ་བྱ་འབྱིན་དགོ
      • ཨ་ལུ་རྨས་སྐྱེས་དང་ ཡང་ཅིན་ ཨ་ལུ་སྐྱེས་ལོ་༢ཀྱི་འོག་རྒྱུ་འབད་མི།
      • དབུགས་གཏོང་ལེན་གྱི་དཀའ་ངལ་མི་ ག་འབད་རུང་།
      • དྲན་མེད་འགྱེལ་མི་དང་ འབད་མ་ཚགས་མི་ ཡང་ན་ ཆ་རོགས་འབད་མི་མེད་པ་ཅིན་ ཁ་རས་ཕུད་མ་ཚུགས་མི་ ག་འབད་རུང་།
    • བཅའ་མར་གཏོགས་མི་ཚུ་ལུ་ ལས་རིམ་འགོ་མ་བཙུགས་པའི་ཧེ་མ་ལས་ ཁ་རས་འབག་འོང་ཞིམ་ལས་  ལས་རིམ་གྱི་སྐབས་ལུ་ ལག་ལེན་འཐབ་བཅུག་དགོ
    • ཁ་རས་ལག་ལེན་འཐབ་མི་འདི་ངོ་མ་རང་ལག་ལེན་འཐབ་མི་འདི་ལུ་རྟགས་མཚན་སྟོན་ནི་མེད་པའི་ཁར་ནད་གཞི་ཐོབ་སྟེ་ཡོདཔ་སྦེ་མ་ཤེས་པ་ཅིན་གཞན་མི་ཚུ་ ཉེན་སྐྱོབ་འབད་ནི་གི་དོན་ལུ་ཨིན།ཁ་རས་ཚུ་ གཤག་བཅོས་དང་དབུགས་གཏོང་ལེན་ དེ་ལས་ གཞན་མི་གསོ་བའི་ཉེན་སྐྱོབ་ཅ་ཆས་ཀྱི་དོན་ལས་ ཉེན་སྐྱོབ་ཅ་ཆས་ཀྱི་ཚབ་སྦེ་མེན།
    • ཁ་རས་ཚུ་ མི་ཚུ་གིས་ སྐད་ཤུགས་སྦེ་རྐྱབ་དགོཔ་ཐོན་ས་ལས་ཕར་ ལག་ལེན་འཐབ་དགོ༼དཔེར་ན་ སྐད་ཤུགས་སྦེ་རྐྱབ་ནི་དང་ ཁ་ཐུན་བཏང་ནི་ དེ་ལས་ ཞབས་ཁྲ་འཐེན་ས་ལས་ཕར༽
  • བཀྲམ་སྤེལ་ལངམ།
    • གཙང་སྦྲ་འཕྲོད་བསྟེན་དང་ལྡན་པའི་ སྤྱོད་ལམ་ཚུ་ལུ་རྒྱབ་སྐྱོར་འབད་ནི་གི་དོན་ལས་ བཀྲམ་སྤལ་འདི་ཚུ་ མ་ལང་ལངམ་སྦེ་རང་ཡོདཔ་ བཟོ་དགོཅ་ཆས་བཀྲམ་སྤེལ་འབད་དགོ་མི་ཚུ་ཡང་ གླང་ལེབ་དང་ཆུ་ ཆང་ཉུང་ཤོས་རང་ བརྒྱ་ཆ་༦༠ཡོད་པའི་སྨན་ཆུ་དང་ ཤོག་རས་ འཇམ་ཤོག་དང་སྨན་ཡོད་པའི་ཕྱག་རས་ དེ་ལས་ ཁ་རས་དང་ ལགཔ་འདོགས་མ་དགོ་པའི་ ཕྱགས་སྙིགས་ཀྱི་ཧོད་ཚུ་ཨིན།
  • བརྡ་བྱང་དང་ བརྡ་འཕྲིན་ཚུ།
    • ཉིན་བསྟར་གྱི་ཉེན་སྲུང་གི་ཐབས་ལམ་ལུ་བརྩོན་པའི་ བརྡ་བྱང་ཚུ་ལེགས་ཤོམ་སྦེ་རང་མཐོང་ཚུགས་པའི་ས་སྒོ་ནང་ལུ་༼འཛུལ་སྒོ་དང་ ཆབ་གསང་༽ བཞག་དགོ་པའི་ཁར་ནད་འབུཔ་ཚུ་ཁྱབ་སྤེལ་འགྱོ་ནི་ལས་བཀག་ནི་གི་དོན་ལས་ལགཔལེགས་ཤོམ་སྦེ་འཁྱུ་ནི་དང་ ཁ་རས་ལག་ལེན་འཐབ་ཐངས་ཚུ་གི་སྐོར་ལས་གསལ་སྟོན་འབད་དགོ
    • མི་དམངས་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ ཁྱབ་སྤེལ་འགྱོ་ནི་ལས་ མར་ཕབ་འབད་ནི་གི་དོན་ལུ་ གསལ་བསྒྲགས་ཚུ་  དུས་དང་དུས་སུ་བཏང་དགོ
    • བརྡ་འཕྲིན་ནང་ལུ་༼དཔེར་ན་ གློག་བརྙན་༽ ལས་བྱེདཔ་དང་ ཚོང་པ་ དེ་ལས་ བཅའ་མར་གཏོགས་མི་ཚུ་དང་ཆ་ འབྲེལ་བ་འཐབ་པའི་སྐབས་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ ཁྱབ་སྤེལ་འགྱོ་ནི་ལས་བཀག་ནི་གི་ སྤྱོད་ལམ་ཡོད་མི་ཚུ་གི་སྐོར་ལས་ བཙུགས་དགོ༼ཡོངས་འབྲེལ་ཁ་བྱང་དང་ མི་སྡ་བརྡ་བརྒྱུད་ཚུ་བརྒྱུད་དེ
    • མིག་ཏོ་མ་མཐོང་མི་དང་ རྣམ་ཅོ་མ་གོ་མི་ཚུ་བཟུམ་སྦེ་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་དོན་ལུ་ བརྡ་བྱང་དང་བརྡ་འཕྲིན་ཚུ་ མ་འདྲཝ་སྦེ་སྦེ་བཟོ་དགོ༼དཔར་ན་ ཡིག་གུའི་ཚད་སྦོམ་སྦེ་པར་བཏབ་ནི་དང་ འབུར་ཡིག་ དེ་ལས་ ཨེ་མི་རི་ཀ་གི་ལག་བརྡ་བཟུམ༽འ
    • ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་སྐོར་ལས་ ནད་རིགས་བཀག་ཐབས་ལྟེ་བའི་ བརྒྱུད་འབྲེལ་གྱི་ཤོག་གྲངས་ངོ་མ་ནང་ལུ་ཡོད་པའི་ རིན་མེད་སྟོང་པའི་བརྡ་དོན་ཐོན་སྐྱེད་ཚུ་ འཚོལ་དགོ

མཐའ་འཁོར་ཧིང་སངས་སང་སྦེ་བཞག་ནི།

མཐའ་འཁོར་ཧིང་སངས་སང་སྦེ་བཞག་ནི་གི་དོན་ལུ་ ལས་རིམ་བརྩམ་མི་ཚུ་གིས་ ཐབས་རྒྱུས་དག་པ་ཅིག་ ལག་ལེན་འཐབ་ནི་གི་རྩིས་རྐྱབ་དགོ

  • ཕྱགས་བརྡར་རྐྱབ་ནི་དང་ སྨན་བཏོར་ནི།
    • ཕྲལ་ཕྲལ་རང་ ལགཔ་འདོགས་དགོ་པའི་ས་སྒོ་འདི་ ཉིནམ་རེ་ནང་ཚར་རེ་དང་ ཡང་ན་ ལག་ལེན་འཐབ་ད་རང་ འབད་ཚུགས་ཚུགསཔ་ཅིག་ ཧིང་སངས་སང་སྦེ་བཟོ་ཞིན་ན་ སྨན་བཏོར་བཞག་དགོ- དཔེར་ན་ སྒོ་དང་ཁྲུས་ཤོང་གི་ལགཔ་བཤེད་ས་དང་ འཐུང་ཆུ་གི་འཐོར་ཆུ་ དེ་ལས་ གདངསམ་དང་ ཏི་རུ་རྩིས་རྐྱབ་ནི་གི་འཕྲུལ་ཆས་ཚུ་ཨིན།
    • མི་མང་གི་ལག་ལེན་འཐབ་དགོ་མི་ ཅ་ཆས་ཚུ་ ཕྱགས་བརྡར་རྐྱབ་ཞིམ་ལས་ སྨན་བཏོར་བཞག་དགོ- དཔེར་ན་ དངུལ་སྤྲོད་སའི་ས་སྒོ་དང་ འབྲི་ཁྲི་ འབྲེལ་སྟེགས་ཀྱི་ཐོག་ཁའི་ས་སྒོ་དང་ ཧོད་ཚུ་ཨིན།
    • འཐུང་ཆུའི་མཐུན་རྐྱེན་བཟུམ་ ཕྱགས་བརྡར་དང་སྨན་ལེགས་ཤོམ་སྦེ་བཏོར་མ་ཚུགས་པའི་ཅ་ཆས་ཡོད་སའི་ས་སྒོ་ཚུ་ སྡམ་བཞག་ནི་གི་རྩིས་རྐྱབ་དགོ
    • དུས་རྒྱུན་ ཕྱགས་བརྡར་དང་སྨན་བཏོར་ནི་གི་དོན་ལས་ རེའུ་མིག་བཟོ་དགོ
    • འ་ནི་ ཕྱགས་བརྡར་གྱི་རེའུ་མིག་འདི་ གཞན་ལུ་གླ་ཁར་བཏང་རུང་ ལག་ལེན་འཐབ་དགོཔ་སྦེ་འཆར་གཞི་རྩམ་དགོཔ་ད་ གཞན་མི་སྡེ་ཚན་ཚུ་གིས་རང་འབད་རུང་ ལག་ལེན་འཐབ་བཅུག་དགོ
    • ལས་རམ་གྱི་ལས་བྱེདཔ་ཚུ་གིས་ སྐྱེལ་འདྲེན་བཱས་བཟུམ་ལག་ལེན་འཐབ་པ་ཅིན་ དེད་གཡོགཔ་ཚུ་གིས་ ཉེན་སྲུང་གི་ཐབས་ལམ་དང་སྒྲིག་གཞི་ཆ་མཉམ་རང་ གཞན་མི་ལས་བྱེདཔ་ཚུ་ལུ་བཟོ་སྟེ་ཡོད་དོ་བཟུམ་སྦེ་རང་ ལག་ལེན་འཐབ་དགོ- དཔེར་ན་ ལགཔ་ཕྲལ་ཕྲལ་རང་ཆུ་འཁྱུར་ནི་དང་ ཁ་རས་སྤུར་ནི་ དེ་ལས་ འགྲུལ་པ་ཚུ་དང་ཅིག་ཁར་ ས་སྟོང་བཞག་ནི་ཚུ་ཨིན།ལས་རིམ་གྱི་སྐབས་ལུ་ གཡོག་བཀལ་མི་བཱས་དང་གཞན་མི་སྣུམ་འཁོར་ཚུ་ ཕྱགས་བརྡར་རྐྱབ་ནི་དང་སྨན་བཏོར་ནི་གི་དོན་ལས་ བཱས་ལག་ལེན་འཐབ་མི་དང་  དེད་གཡོག་གླ་ཁར་ལེན་ནི་ དེ་ལས་ ཁག་ཆེཝ་དང་འཁྲིལ་ཏེ་གནས་དགོ་པའི་ , ལམ་སྟོན་ལུ་བལྟ།
    • ལས་བྱེདཔ་དང་གཞན་མི་ཚུ་ལུ་ ཉེན་ཁ་མེདཔ་སྦེ་འབད་ནི་གི་དོན་ལུ་ ཕྱགས་བརྡར་རྐྱབ་ནི་གི་སྨན་རྫས་ཚུ་ཉེན་སྲུང་དང་ལྡནམ་སྦེ་བཞག་དགོཔ་མ་ཚད་ ལག་ལེན་འཐབ་པའི་སྐབས་ལུ་ཡང་ ཚུལ་མཐུན་སྦེ་ལག་ལེན་འཐབ་དགོ་ནི་ཨིན་མས།སྨན་རྫས་ཚུ་གི་ཐོན་སྐྱེད་རེ་གིས་ བཀོད་རྒྱ་ཡོད་མི་ཚུ་ ལྷབ་ཞིན་ན་ འདི་དང་འཁྲིལ་ཏེ་འབད་དགོ་པའི་ཁར་ སྨན་རྫས་ཚུ་ཡང་ ཨ་ལུ་ཚུ་གིས་ བདའ་མ་ཟུནམ་སྦེ་བཞག་དགོ
    • སྨན་ཆུ་ཚུ་ མཐའ་འཁོར་སྲུང་སྐྱོབས་ལས་སྡེ་གིས་ external iconནད་ཡམས་ཀོ་ཝིཊ་ནའིན་ཊིན་མི་ཐོབ་ནི་གི་དོན་ལས་ ཆ་གནས་ཡོད་མི་ཚུ་ལག་ལེན་འཐབ།
    • ཕྱགས་བརྡར་རྐྱབ་ནི་ཐོན་སྐྱེད་ཚུ་ ཨ་ལུ་ཚུ་གི་སྦོ་ལོགས་ཁ་ལུ་ ལག་ལེན་འཐབ་ནི་མི་འོང་།ལས་བྱེདཔ་ཁོང་རང་དང་ བཅའ་མར་གཏོགས་མི་ཆ་ཁྱབ་ དུས་ཅན་གྱི་རླངམ་འདི་ཚུ་ ལྐོལ་མར་བཏང་མི་བཅུག་ནི་གི་དོན་ལས་ རླུང་ཐོན་འཛུལ་གྱི་ས་སྒོ་ཚུ་ཡོདཔ་བཟོ་དགོ
    • ཕྱགས་སྙིགས་བཀོ་ནི་དང་ ཕྱགས་སྙིགས་ཚུ་དཀྲོང་པའི་སྐབས་ལུ་ བཀོ་དགོ་པའི་ལག་ཤུབ་ཚུ་ ལག་ལེན་འཐབ་དགོ
      • བཀོ་དགོ་པའི་ལག་ཤུབ་ཚུ་ལག་ལེན་འཐབ་ཚར་བའི་ཤུལ་ལུ་ ཕྱགས་སྙིགས་བླུགས་སའི་ཧོད་ནང་བཀོ་དགོ
      • ལག་ཤུབ་གུ་ སྨན་ཆུ་བཏོར་ནི་དང་ ལོག་ལག་ལེན་འཐབ་ནི་ཚུ་ འབད་ནི་མི་འོང་།
      • ལག་ཤུབ་ཕུད་བའི་ཤུལ་ལུ་ལགཔ་ཆུ་འཁྱུ་དགོ
  • ཆབ་གསང་།
    • མི་ཚུ་གི་བར་ན་ ས་སྟོང་བཞག་ནི་གི་དོན་ལུ་ ཆབ་གསང་ནང་ལུ་ མི་འཛུལ་བཅུག་ནི་གི་གྱངས་ཁ་ཚད་འཛིན་འབད་ནི་ལུ་བལྟ་དགོ
    • ཆབ་གསང་གི་སྦོ་ལོགས་ཁ་ལུ་ མི་ཚུ་གི་བར་ན་ ས་སྟོང་ཉུང་ཤོས་རང་ ཕིཊ་༦མེད་པར་ གྱལ་བསྣར་ནི་དང་ མི་ལེ་ཤ་སྦེ་འཛོམས་ནི་ཚུ་ འབད་བཅུག་ནི་མི་འོང་།བཅའ་མར་གཏོགས་མི་ཚུ་ལུ་ བར་ན་ས་སྟོང་ཉུང་ཤོས་རང་ ཕིཊ་༦བཞག་ནི་ནང་ཕན་ཐོགས་འབྱུང་ནི་གི་དོན་ལས་ བརྡ་བྱང་ཚུ་བཀལ་བཞག་པ་ཅིན་ སྟབས་བདེ་ནི་འོང་།
    • ཆབ་གསང་ཚུ་ཡང་ འོག་ལུ་བཀོད་དེ་ཡོད་དོ་བཟུམ་དགོཔ་འདི་ ཁག་ཆེ།
      • མཐུན་རྐྱེན་དང་སྦྲགས་ཏེ་ གཡོག་བཀལ་བཏུབ་པའི་ཆབ་གསང་།
      • མང་སུ་སྦེ་ལགཔ་འདོགས་དགོ་མི་ཆུའི་ཀ་ལི་དང་སྒོ་དེ་ལས་སྒོ་གི་ལགཔ་བཤེད་ས་དང་མེ་གི་ཨེབ་རྟ་བཟུམ་གྱི་མཐུན་རྐྱེན་ཚུ་དུས་རྒྱུན་དུ་རང་ཧིང་སང་སང་འཕྱག་ཞིན་ན་ སྨན་ཆུ་ཚུ་བཏོར་བཞག་དགོ
        • ཆབ་གསང་འདི་ འབད་ཚུགས་པ་ཅན་ མཐའ་འཁོར་ཉེན་སྲུང་ལས་སྡེ་གིས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་མི་ཐོབ་ནི་གི་དོན་ལུ་ ཆ་གནས་ཡོད་པའི་སྨན་ཆུ་ཚུ་ལག་ལེན་འཐབ་སྟེ་ ཉིན་བསྟར་བཞིན་དང་ ཡང་ན་ ཕྲལ་ཕྲལ་འབད་རུང་ འཕྱག་བཞག་དགོ
        • སྨན་ཆུ་ཚུ་ ཉེན་སྲུང་དང་ཚུལ་མཐུན་སྦེ་ལག་ལེན་འཐབ་ནི་ཡོདཔ་ཅིག་སྦེ་བཟོ་དགོ་པའི་ཁར་ ཨ་ལུ་ཚུ་གིས་བདའ་ཟུན་ས་ཡང་ བཞག་ནི་མི་འོང་།
      • ལགཔ་འཁྱུ་ནི་གི་མཐུན་རྐྱེན་ གླང་ལེབ་དང་ཆུ་ དེ་ལས་ ཤོག་རས་དང་ འཇམ་ཤོག་ འདི་བཟུམ་སྦེ་ ལགཔ་འདོགས་དགོཔ་མེད་པའི་ ཕྱགས་སྙིགས་ཀྱི་ཧོད་དང་ ཆང་ཉུང་ཤོས་རང་ བརྒྱ་ཆ་༦༠ཡོད་པའི་སྨན་ཆུ་ཚུ་ མ་ལང་ལངམ་སྦེ་རང་ ལེན་བཞག་དགོ༼ལས་བྱེདཔ་དང་ སྨན་ཆུ་ཉེན་ཁ་མེད་པར་ལག་ལེན་འཐབ་ཤེས་མི་ ཨ་ལུ་ཚུ་གི་དོན་ལུ༽
        • ལས་རིམ་གྱི་སྐབས་ལུ་ ཕར་ཚུར་སྤོ་བཏུབ་པའི་ཆབ་གསང་གི་མཐུན་རྐྱེན་བཟོ་བ་ཅིན་ ལགཔ་ཆུ་འཁྱུ་ནི་གི་མཐུན་རྐྱེན་ཚུ་ཡང་ ལས་རམ་མ་རྫོགས་ཚུན་ཚོད་ མ་ལང་ལངམ་སྦེ་རང་འབྱིན་དགོའབད་ཚུགས་པ་ཅིན་ ལགཔ་འདོགས་མ་དགོ་པའི་ སྨན་ཆུ་གི་ཞབས་ཏོག་ཚུ་འབྱིན་དགོ
  • རླུང་འཛུལ།
    • རླུང་ཐོན་འཛུལ་གྱི་མཐུན་རྐྱེན་ཚུ་ གཡོག་བཀོལ་ཆོག་ཆོ་སྦེ་བཞག་དགོཔ་མ་ཚད་ ཕྱི་ལས་ རླུང་ནང་ན་འཛུལ་བཅུག་ནི་གི་དོན་ལས་ཡང་ སྒོ་དང་སྒོ་ཅུ་ཚུ་ ཕྱི་བཞག་དགོསྒོ་དང་སྒོ་ཅུ་ཕྱི་བཞག་པའི་སྐབས་ལུ་ ལས་བྱེདཔ་དང་བཅའ་མར་གཏོགས་མི་ཚུ་ལུ་ ཉེན་ཁ་འབྱུང་པ་ཅིན་ ཕྱི་བཞག་ནི་མི་འོང་༼དཔེར་ན་ འབུད་འགྱོ་ནི་དང་ དབུགས་གཏོང་ལེན་གྱི་རྟགས་མཚན་བཟུམ༽
    • རླུང་གི་དོན་ལུ་ རླུང་འཁོར་བཟུམ་གྱི་ ཅ་ཆས་ཚུ་ལག་ལེན་འཐབ་པ་ཅིན་ རླུང་ལུ་བརྟེན་པའི་ནད་གཞི་ཚུ་ ཁྱབ་འགྱོ་མི་བཅུག་ནི་གི་དོན་ལུ་ རླུང་མ་ཚུ་ མི་གཅིག་གི་ནང་ལས་ སོ་སོ་ལུ་ ཐད་ཀར་དུ་ཕོག་ནི་འདི་ མར་ཕབ་འབད་དགོ
  • ཆུ་གི་མཐུན་རྐྱེན།
    • ཆུ་གི་འཕྱ་འབུཔ་དང་ ཆུ་ལས་བརྟེན་པའི་ ནད་གཞི་གཞན་མི་ཐོབ་ནི་གི་ཉེན་ཁ་ཚུ་ མར་ཕབ་འབད་ནི་གི་དོན་ལུ་ ཆུ་གི་མཐུན་རྐྱེན་ཚུ་༼དཔེར་ན་ ཆུའི་ཀ་ལི་དང་འཐུང་ཆུ་གི་མཐུན་རྐྱེན་ དེ་ལས་ གཞན་མི་མཐུན་རྐྱེན་ཚུ་༽ ཡུན་རིངམ་སྦེ་གཡོག་མ་བཀོལ་བར་བཞག་ཞིམ་ལས་ ལོག་ལག་ལེན་འཐབ་པའི་སྐབས་ལུ་ ཉེན་སྲུང་ཡོདཔ་སྦེ་བཟོ་ནི་གི་ཐབས་ལམ་ཚུ་ སྟོན་དགོཔ་འདི་ཁག་ཆེ།འཐུང་ཆུའི་མཐུན་རྐྱེན་ཚུ་ སྨན་ཆུ་བཏོར་ནི་དང་འཕྱག་ནི་ཚུ་ འབད་དགོཔ་ཨིན་རུང་ མཐུན་རྐྱེན་འདི་གུ་ ལགཔ་འདོགས་ནི་འདི་མར་ཕབ་འབད་ནི་གི་དོན་ལས་ ལས་བྱེདཔ་དང་བཅའ་མར་གཏོགས་མི་ཚུ་ལུ་ འཐུང་ཆུ་འདི་ ག་དེ་དྲག་དྲག་ ཁོང་ར་གིས་རང་འབག་འོང་ནི་ནང་ སེམས་ཤུགས་འབྱིན་དགོ
  • ལེགས་བཅོས་འབད་ཡོད་པའི་བཟོ་བཀོད།
    • མི་ཚུ་གི་བར་ན་ ས་སྟོང་བཞག་ནི་གི་དོན་ལས་མི་ཚད་ཅིག་ལས་བརྒལ་འཛོམས་བཅུག་ནི་མི་འོང་ཡང་ན་ ལས་རིམ་ཚུ་ མི་ཉུང་སུ་སྦེ་ ཁང་མིག་སྦོམ་སུ་ཅིག་ནང་ མིའགོ་འདྲེན་འཐབ་དགོ
    • མི་ལེ་ཤ་སྦེ་བསྒུག་མི་བཅུག་ནི་གི་དོན་ལུ་ འཛུལ་སྒོ་དང་འཐོན་སྒོ་ མང་སུ་ཅིག་སྦེ་ལག་ལེན་འཐབ་དགོ
    • མི་ཚུ་གི་བར་ན་ ས་སྟོང་ཉུང་ཤོས་རང་ ཕིཊ་༦བཞག་ནི་གི་དོན་ལུ་ སྡོད་ཁྲི་གྱལ་ཐིག་ལ་ལུ་ཅིག་ མི་སྡོད་མ་བཏུབ་སྦེ་བཟོ་དགོ
    • འབད་ཚུགས་པ་ཅིན་ གྱལ་བཏོན་བཏང་ནི་དང་ ཡང་ན་ མི་ཚུ་ལུ་ བར་ན་ས་སྟོང་ཉུང་ཤོས་རང་ ཕིཊ་༦བཞག་ནི་ནང་སེམས་ཤུགས་འབྱིན་ནི་གི་དོན་ལས་ བརྡ་བྱང་དང་ ཡང་ན་ གཞན་མི་བརྡ་རྟགས་ཚུ་བཀལ་བཞག་དགོ
    • མི་ཚུ་གི་བར་ན་ ག་དེ་དྲག་དྲག་ས་སྟོང་བཞག་ཚུགས་ནི་གི་ཐབས་ལུ་ ཕྱི་ཁ་ལུ་འབད་དགོ་པའི་ ལས་རིམ་ཚུ་ལུ་ གཙོ་རིམ་བཟུང་དགོ
    • མི་གི་གྱངས་ཁ་མར་ཕབ་འབད་ནི་ནང་ ཕན་ཐོགས་འབྱུང་ནི་གི་དོན་ལས་ མི་ངོ་མ་སྦེ་བཅའ་མར་གཏོགས་བཅུག་མི་གི་མ་ཚད་པར་ ཡོངས་འབྲེལ་གྱི་ཐོག་ལུ་ བཅའ་མར་གཏོགས་བཅུག་དགོ་པའི་གདམ་ཁ་འབྱིན་དགོ
  • བརྡ་རྟགས་དང་ལམ་སྟོན།
    • མི་ཚུ་གྱལ་ནང་དང་ གཞན་མི་དུས་ཚོད་ཁ་ལུ་ བར་ན་ལུ་ ས་སྟོང་ཉུང་ཤོས་རང་ ཕིཊ་༦བཞག་ནི་གི་ཐབས་ལུ་ འཐིང་གཞི་གུ་ལུ་ སྦྱར་ཐག་བཀོད་ནི་དང་ གྱང་གུ་ལུ་ བརྡ་བྱང་བཀལ་ཞིམ་ལས་ ལམ་སྟོན་འབད་དགོ
    • མི་ཚུ་གིས་ བར་ན་ལུ་ ས་སྟོང་ཉུང་ཤོས་རང་ ཕིཊ་༦བཞག་མ་ཚུགསཔ་སྦེ་ཡོད་ས་ལས་ཕར་ བཅད་ཚུ་རྐྱབ་དགོབཅད་འདི་ཚུ་ དངུལ་འཛིན་སྐྱོང་གི་མཐུན་རྐྱེན་དང་ ས་སྟོང་ཉུང་ཤོས་རང་ ཕིཊ་༦བཞག་མ་ཚུགསཔ་སྦེ་ཡོད་ས་ལུ་རྐྱབ་པ་ཅིན་ ཕན་ཐོགས་ཡོད།
    • མི་ཚུ་གིས་ ས་སྟོང་ཉུང་ཤོས་རང་ ཕིཊ་༦ བཞག་ཚུགས་ནི་གི་དོན་ལུ་ སྡོད་ཁྲི་བཞག་ཐངས་དང་ སྡོད་ཁྲི་གི་གྱངས་ཁ་ཚུ་བསྒྱུར་བཅོས་འབད་དགོ
  • སྤྱི་བསྡོམས་ས་སྒོ
    • བཟའ་ཁང་དང་རྩེད་ཁང་ དེ་ལས་ བསྒུག་ཁང་བཟུམ་གྱི་ས་སྒོ་ཚུ་ ག་ར་སྟབས་ཅིག་ཁར་མེན་པར་ ག་དེ་དྲག་དྲག་ གཅིག་ཤུལ་གཉིས་སྦེ་ ལག་ལེན་འཐབ་ནི་དང་ ས་སྒོ་ཚུ་ཡང་ སྟོངམ་ཐོནམ་ད་རང་ འཕྱག་དར་རྐྱབ་ཞིན་ན་  སྨན་ཆུ་ཚུ་བཏོར་དགོ
    • དམིགས་གསལ་གྱིས་ ས་སྟོང་ཉུང་ཤོས་རང་ ཕིཊ་༦བཞག་མ་ཚུགས་པའི་ས་སྒོ་ ཁྲུས་གཞོང་དང་ ཉལ་ཁྲི་བཟུམ་གྱི་ས་སྒོ་ཚུ་ནང་ལས་ཕར་ ཆ་ཤོག་གིས་ བཅད་རྐྱབ་དགོ
    • མཐའ་འཁོར་ཉེན་སྲུང་ལས་སྡེ་ནང་ལུ་ ཐོ་བཀོད་གྲུབ་པའི་སྨན་ཆུ་ཚུ་ ལག་ལེན་འཐབ་ཞིམ་ལས་ ཁྲུས་ཁང་ཚུ་ དུས་རྒྱུན་དུ་རང་༼དཔེར་ན་ དྲོ་པ་དང་ཕྱི་རུ་ ཡང་ན་ མང་ཤོས་ལག་ལེན་འཐབ་པའི་སྐབས་ལུ་༽འཕྱག་བརྡར་རྐྱབ་སྟེ་.སྨན་ཆུ་ཚོ་བཏོར་བཞག་དགོ
    • སྤྱི་བསྡོམས་ས་སྒོ་གི་ཐད་ཁར་༼འཁྱུ་འཕྲུལ་ཁང་དང་ ཁྲུས་ཁང་ དེ་ལས་ རྩེད་ཁང་ཚུ་༽ ཁ་གསལ་སྦེ་ཤེས་ནི་གི་དོན་ལུ་ ནད་རིགས་བཀག་ཐབས་ལྟེ་བའི་འདུ་ཁང་གི་ལམ་སྟོན་དང་འཁྲིལ་དགོ
  • ཞབས་སྒོའི་ཞབས་ཏོག
    • ནད་གཞི་ཀོ་ཝིཊ-༡༩འདི་ བཞེས་སྒོ་ལས་བརྟན་འབུ་དོ་ཡོདཔ་པའི་ བདེན་ཁུངས་མེད།ཨིན་རུང་ བཞེས་སྒོ་ཞབས་ཏོག་གི་མཐའ་འཁོར་ མི་ཚུ་ཐབ་ཆས་རུབ་སྤྱོད་ནི་དང་ སྤུང་སྡོད་པ་ཅིན་ ཉེན་ཁ་ཡོད།
    • གལ་སྲིད་ དུས་སྟོན་ནང་ བཞེས་སྒོའི་ཞབས་ཏོག་ཡོད་པ་ཅིན་ ཟ་ཁང་དང་ ཆང་ཁང་གི་དོན་ལུ་ སི་ཌི་སི་གི་ ཀོ་ཝིཊ-༡༩གི་སྒྲིག་གཞི་ལུ་གནས་དགོ
    • ག་དེ་དྲག་དྲག་ ལགཔ་འདོགས་མ་དགོ་པའི་དངུལ་སྤྲོད་ལེན་ལག་ལེན་འཐབ་དགོ
    • ཐད་ཀར་དུ་ ལག་འདོགས་ནི་ལས་འཛེམ་འཐབ་ལུ་ ཚོང་ཉོ་མི་དང་ ལས་བྱེདཔ་ཚུ་ལུ་ དངུལ་སྤྲོད་ལེན་འབད་བའི་སྐབས་ལུ་ ལག་པར་སྤྲོད་ནི་མེན་པར་ འབྱོར་རྟགས་ཀྱི་ཤིང་ཀྲོ་ ཡང་ཅིན་ འབྲེལ་སྟེགས་ཁར་བཞག་བཅུག་དགོ
    • ལགཔ་འདོགས་ཡོད་པའི་ཅ་ཆས་སྨྱུ་གུ་དང་འབྲེལ་སྟེགས་ ཡང་ཅིན་ གཞན་མི་ཅ་ཆས་ཚུ་ འཕྲལ་འཕྲལ་རང་འཕྱག་ནི་དང་ ཕྲ་འབུཔ་སྲོག་ཆགས་ མེདཔ་བཟོ་དགོཔ་དང་རང་གི་སྨྱུ་གུ་རང་ལག་ལེན་འཐབ་བཅུག་དགོ
    • མཁོ་བསྔགས་འབད་ནི་དང་ གྱལ་ནང་བསྒུག་སྡོད་པའི་སྐབས་ལུ་ མི་ངོམ་ཚུ་གི་བར་ན་ ས་སྟོང་ཉུང་མཐའ་ཕིཊ་༦བཞག་ནིའི་
    • འཐིང་གཞི་དང་ ཟུར་ལམ་ཚུ་གུ་སྦྱར་ཐག་དང་ གྱང་གུ་རྟགས་བཀོད་དེ་ མིག་གི་མཐོང་པའི་ལམ་སྟོན་བྱིན་དགོ
    • གལ་སྲིད་ རང་སྤྱོད་ཟ་ཁང་ ཡང་ཅིན་ སྡེ་ཚན་སྦེ་ ལྟོ་ཟ་སའི་ཁང་མིག་ལག་ལེན་འཐབ་པ་ཅིན་ བཞེས་སྒོ་ཚུ་ ཟ་ཧོད་སོ་སོ་སྦེ་བྱིན་དགོཔ་དང་ ཡང་ཅིན་ བཞེས་སྒོ་འབག་འགྱོ་ནི་ དེ་ལས་ ལས་རིམ་ཚུ་ས་ཁོངས་སོ་སོ་སྦེ་འགོ་འདྲེན་འཐབ་དགོ
    • ཐབ་ཆས་དང་ ཟ་ཧོ་ཚུ་བརྩིས་ཏེ་ བཀོ་བཏུབ་པའི་བཞེས་སྒོའི་ཞབས་ཏོག་ཅ་ཆས་ལག་ལེན་འཐབ་དགོགལ་སྲིད་ བཀོ་བཏུབ་པའི་ཅ་ཆས་མེད་པ་ཅིན་ བཀོ་མ་བཏུབ་པའི་བཞེས་སྒོའི་ཞབས་ཏོག་ཅ་ཆས་ཚུ་ ལག་ཤུབ་བཙུགས་ཐོག་ལས་ གླང་ལེབ་བཏབ་སྟེ་ ཆུ་ཚན་ ཡང་ཅིན་ ཧོད་ཆུ་འཕྲུལ་གྱི་ཆུ་འཁྱུ་དགོ
    • ལག་ཤུབ་ཕུད་ཞིནམ་ལས་དང་ ཡང་ཅིན་ སྤྱོད་ཡོད་པའི་བཞེས་སྒོའི་ཞབས་ཏོག་ཅ་ཆས་ཚུ་ལགཔ་འདོགས་ཚར་ཞིནམ་ལས་ ལགཔ་ཆུ་འཁྱུ་དགོ
    • བཞེས་སྟོན་དང་ ཆང་ཁང་ལ་སོགས་པའི་ རང་གིས་བླུགས་ནི་ཡོད་པའི་ ཟ་འཐུང་གི་ཞབས་ཏོག་ཚུ་སྤང་དགོགྲལ་གཏོགས་འབད་མི་ཚུ་གི་དོན་ལུ་ ཧེ་མ་ལས་བསྡམ་ཡོད་པའི་ཧོད་དང་ ཕད་ཅུང་ལག་ལེན་འཐབ་དགོ
  • རུབ་སྤྱོད་ཅ་ཆས།
    • མི་ཚུ་ལུ་ འཕྱག་ནི་དང་ གཙང་སྦྲགས་སྟོན་མ་ཚུགས་མི་ ཡང་ཅིན་ ཕྲ་འབུཔ་སྲོག་ཆགས་ མེདཔ་བཟོ་མ་ཚུགས་པའི་ཅ་ཆས་རུབ་སྤྱོད་ནི་མི་འོང་།
    • ལས་བྱེདཔ་ཚུ་གི་བར་ན་ བཞེས་སྒོ་དང་ ལག་ཆས་ ཅ་ཆས་ དེ་ལས་ མཁོ་ཆས་ཚུ་ རུབ་སྤྱོད་ནི་ཚད་འཛིན་འབད་དགོ
    • རུབ་སྤྱོད་ནི་མར་ཕབ་འབད་ནིའི་དོན་ལུ་ མཁོ་ཆས་ལངམ་སྦེ་བཞག་དགོཔ་དང་ དེ་མེན་ མཁོ་ཆས་དང་ ཅ་ཆས་ཚུ་ལས་བྱེདཔ་སྡེ་ཚན་གཅིག་དང་ གྲོལ་གཏོགས་འབད་མིའི་བར་ན་ ལག་ལེན་འཐབ་ནི་ཚད་འཛིན་འབད་ནི་དང་ ལག་ལེན་འཐབ་ཚར་བའི་ཤུལ་  འཕྱག་ནི་དང་ ཕྲ་འབུཔ་སྲོག་ཆགས་མེདཔ་བཟོ་དགོ

ལག་ལེན་སྒྲིང་སྒྲིང་སྦེ་འཐབ་ནི།

ལས་རིམ་འགོ་འདྲེན་པ་དང་ ལས་བྱེདཔ་ཚུ་གིས་ ལག་ལེན་ སྒྲིང་སྒྲིང་སྦེ་འཐབ་ནིའི་ཐབས་ལམ་སྒྲིག་དགོ

  • རྒྱུན་བཀོད་གོ་རྟོགས།
    • མི་མང་འཛོམས་ནིའི་ ལས་རིམ་འགོ་འདྲེན་འཐབ་ཆོག་མི་ཆོག་གི་གཏན་འཁེལ་བཟོ་ནིའི་དོན་ལུ་ ས་གནས་དང་ མངའ་སྡེའི་རྒྱུན་བཀོད་ལས་སྡེའི་སྲིད་བྱུས་ཀྱི་སྐོར་ལས་ཤེས་དགོ
  • ནད་གཞི་ཀོ་ཝིཊ༡༩འཐོབ་ནིའི་ཉིན་ཁ་ཆེ་སུ་ཡོད་པའི་ ལས་བྱེདཔ་དང་ གྲལ་གཏོགས་འབད་མི་ཚུ་ཉེན་སྲུང་འབད་དགོ
    • ནད་གཞི་འཐོབ་ནིའི་ ཉིན་ཁ་ཆེ་སུ་ཡོད་པའི་ ལས་བྱེདཔ་ཚུ་ལུ་ རྗེན་སྟོན་ཚད་འཛིན་འབད་དགོ༼མི་རྒན་ཤོས་དང་ གཟུགས་ཁམས་སྒྲིང་སྒྲི་མེད་མི་ཚུ་བརྩིས་ཏེ༽དཔེར་ན་
      • ལས་བྱེདཔ་ཚུ་ ཐོ་བཀོད་འབྲེལ་སྟེགས་ནང་སྡོད་ནི་མེན་པར་ ཁྱིམ་ནང་སྡོད་དེ་ གློག་རིག་དང་  བསྒྱུར་བཅོས་འབད་ཡོད་པའི་ འགན་ཁུར་བཀལ་དགོ
      • སྟབས་བདེ་ཧིང་དང་བསྟུན་ ངོ་རྐྱང་འབད་ཞལ་འཛོམས་ཚོགས་ནི་འདི་ རྒྱང་མཐོང་དང་ གློག་རིག་མཉེན་ཆས་ཀྱི་ཐོག་ལས་འབད་དགོ
    • འོས་འབབ་དང་བསྟུན་ནད་གཞི་འཐོབ་ནིའི་ ཉེན་ཁ་ཆེ་སུ་ཡོད་པའི་གྲལ་གཏོགས་འབད་མི་ཚུ་ལུ་ ཕྱི་ཁར་འཐོན་ནི་ཚད་འཛིན་འབད་དགོ ༼དཔེར་ན་ གློག་རིག་མཉེན་ཆས་ཀྱི་ཐོག་ལས་བཅའ་མར་གཏོགས་ནི༽
    • ཉེན་ཁ་ཡོད་པའི་ས་གནས་ནང་ལས་ ནད་གཞི་ཀོ་ཝིཊ-༡༩ ཁྱབ་སྤེལ་འགྱོ་ནིའི་ཉེན་ཁ་མར་ཕབ་ཀྱི་དོན་ལུ་ དུས་སྟོན་ནང་ བཅའ་མར་གཏོགས་མི་ ས་གནས་ ༼དཔེར་ན་ མི་སྡེ་དང་ ཁྲོམ་ཚོགས་ ཁྲོམ་ ཡང་ཅིན་ གཡུས་སྒོ༽ཀྱི་ལས་བྱེདཔ་དང་ མགྱོནམོ་ཚད་འཛིན་འབད་དགོགལ་སྲིད་ གཞན་མི་ས་ཁོངས་དང་ ཁྲོམ་སྡེ་དང་ ཁྲོམ་ཡང་ཅིན་གཡུས་སྒོ་ཚུ་ནང་ལས་ ལས་བྱེདཔ་དང་ མགྱོནམོ་ཚུ་
    • གྲལ་གཏོགས་འབད་ཆོག་པ་ཅིན་ ཁོང་ཆ་ཁྱབ་ཀྱི་གྲོས་ཐག་བཅད་ནིའི་དོན་ལུ་ སྙན་ཞུ་འབད་དགོ
    • གཟུགས་ཁམས་སྒྲིང་སྒྲི་མེད་མི་ལས་བརྟན་ ནད་གཞི་འཐོབ་ནིའིཉེན་ཁ་ཆེ་སུ་ཡོད་མི་ཚུ་གི་ སྒེར་གསང་བསྲུང་དགོ
  • ཚད་འཛིན་དང་ དུས་ཚོད་སོ་སོར་ ཡང་ཅིན་ སྐོར་རྒྱབ་དང་ འཛོམས་ནིའི་དུས་ཚོད།
    • གྲལ་གཏོགས་འབད་མི་ ག་དེ་དྲག་དྲག་མར་ཕབ་འབད་དགོ
    • སྲིད་བྱུས་གཞི་བཙུགས་འབད་ནི་དང་ ལས་བྱེདཔ་དང་ ཁས་བླངས་པ་ དེ་ལས་ གཞན་མི་ཚུ་གི་བར་ན་ བར་ན་ས་སྟོང་ ཕིཊ་ ༦ བཞག་ནིའི་དོན་ལུ་ སྟབས་བདེ་བའི་ལ་གི་ས་ཁོངས་༼དཔེར་ན་ གློག་རིག་གི་ཐོག་ལས་ལཱ་འབད་ནི༽དང་ སྟབས་བདེ་བའི་ལ་གི་དུས་ཚོད་ ༼དཔེར་ན་ སྐོར་རྒྱབ་༽ ལག་ལེན་འཐབ་དགོ
    • ས་ཁོངས་ནང་ སྟབས་ཅིག་ཁར་ ལས་བྱེདཔ་མར་ཕབ་འབད་ནིའི་དོན་ལུ་ སྐོར་རྒྱབ་དང་ ལཱ་གི་དུས་ཚོད་ དེ་ལས་ ལཱ་ནང་འོང་ནིའི་དུས་ཚོད་ སོ་སོར་བཟོ་ནི།
    • དུས་སྟོན་ནང་ མི་མར་ཕབ་འབད་ནིའི་དོན་ལུ་ འགོ་བཙུགས་དུས་ཚོད་སོ་སོར་བཟོ་ནི་སྟེ་ ཡོད་ཐོ་ཚད་འཛིན་འབད་དགོ
  • འགྲོ་འགྲུལ་དང་ སྐྱེལ་འདྲེན།
    • ལས་བྱེདཔ་ཚུ་ལུ་ གཞན་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ཉུང་སུ་ཡོད་པའི་ རྒྱུན་འགྲུལ་ལག་ལེན་འཐབ་དགོ་པའི་སེམས་ཤུགས་བྱིན་དགོ ༼དཔེར་ན་ རྐང་ཐང་ ཡང་ན་ རྐང་འཁོར་ ནང་མི་དང་ ཡང་ན་ རང་རྐྱང་སྦེ་ སྣུམ་འཁོར་གཏང་འགྱོ་ནི༽གཤམ་འཁོད་རྒྱབ་སྣོན་ཕུལ་གི་གོ་སྐབས:
      • ལས་བྱེདཔ་ཚུ་ལུ་ སི་ཌི་སི་གི་ལམ་སྟོན་ལུ་གནས་ཐོག་ལས་ རང་གི་ཉེན་སྲུང་གི་དོན་ལུ་ མི་མང་སྐྱེལ་འདྲེན་བརྩིས་ཏེ་ རྒྱུན་འགྲུལ་འབད་བའི་སྐབས་ལུ་ག་དེ་སྦེ་རང་འབད་དགོཔ་ཨིན་ན་བཤད་བྱིན་དགོ
      • ལས་བྱེདཔ་ཚུ་ འུར་བྱེལ་འཐབ་སྟེ་མེད་པའི་སྐབས་ལུ་ རྒྱུན་འགྲུལ་འཐབ་ཚུགས་ནིའི་དོན་ལུ་ རང་སོའི་ལཱ་གི་དུས་ཚོད་སོར་བཅུག་དགོ
      • ལས་བྱེདཔ་ཚུ་ལུ་ སྐོར་འགྲུལ་འབད་ཚརཝ་ཅིག་རང་ ལགཔ་ཆུ་འཁྱུ་བཅུག་དགོ
    • སྣུམ་འཁོར་བཞག་ས་ཚུ་ ལོག་རིམ་སྒྲིག་འབད་དེ་ འདུ་འཛོམས་ཚད་འཛིན་འབད་ནི་དང་ ལས་བྱེདཔ་ ༼དཔེར་ན་ གཞན་མི་སྣུམ་འཁོར་བཞག་སའི་ས་ཁོངས་ཚུ་སྒོ་བསྡམ༽ཚུ་གཅིག་ཁར་འཛོམས་མ་བཅུག་པར་བཞག་དགོ
    • སྒེར་གྱི་སྣུམ་འཁོར་གཏང་མི་ཚུ་ལུ་ སྣུལ་འཁོར་ནང་ ལགཔ་འདོགས་ཡོད་མི་ཚུ་ འཕྲལ་འཕྲལ་རང་འཕྱག་ནི་དང་ ཕྲ་འབུཔ་སྲོག་ཆགས་ མེདཔ་བཟོ་ནི་དང་ དུས་ཨ་རྟག་གཅིག་ཁར་འགྲོ་འགྲུལ་མ་འབད་མི་ཚུ་ སྣུམ་འཁོར་ནང་བཙུགས་འབག་ནི་ལས་འཛེམ་དགོ་པའི་ ཁ་བཀོད་རྐྱབ་དགོ
  • ཀོ་ཝིཊ༡༩ གི་སྐོར་ལས་ འབྲེལ་བ་འཐབ་ས་གཞི་བཙུགས་འབད་དགོ
    • ཀོ་ཝིཊ-༡༩ གདོང་ལེན་གྱི་སྐོར་ལས་ འགན་ཁུར་ཡོད་པའི་ བདག་སྐྱོང་བཀོ་བཞག་དང་ ཡིག་ཚང་ངོས་འཛིན་འབད་དགོལས་བྱེདཔ་དང་ བཅའ་མར་གཏོགས་མི་ཚུ་གིས་ མི་ངོམ་དང་ ཡིག་ཚང་ག་འདི་ཨིན་ན་དང་ ག་དེ་སྦེ་འབྲེལ་བ་འཐབ་ནི་ཨིན་ན་ཤེས་དགོ
  • ལམ་ལུགས་བརྒྱུད་འབྲེལ།
    • ལམ་ལུགས་ཚུ་གཏན་འཁེལ་བཟོ་དགོ
      • དུས་སྟོན་ལས་བྱེདཔ་དང་ བཅའ་མར་གཏོགས་མི་ཚུ་ལུ་ གལ་སྲིད་ཀོ་ཝིཊ-༡༩གི་ནད་རྟགས་དང་ ཀོ་ཝིཊ-༡༩འཐོབ་ཡོདཔ་ ཡང་ཅིན་ ཉིནམ་༡༤གི་ནང་འཁོད་ ཀོ་ཝིཊ-༡༩གི་ནད་གཞི་ཡོད་མི་དང་ འབྲེལ་བ་འཐབ་ཡོད་པ་ཅིན་ ཀོ་ཝིཊ-༡༩གི་༼དཔེར་ན་ ནང་ཡོད་པའི་ གསོ་བའི་འགོ་འཛིན་དང་ འབྲེལ་བ་འཐབ་མི་དང་ འོག་ལུ་ཡོད་པའི་ ག་འབད་རུང་ན་བའི་སྐབས་ལུ་སྒྲ་སྒྲིག་ནང་ལྟ༽ གསོ་བའི་བརྡ་དོན་བརྗེ་སོར་གྱི་ཁྲིམས་དང་ གཞན་མི་ཁྲིམས་ལུགས་དང་ སྒྲིག་གཞི་ལུ་ལྟར་དུ་ དུས་སྟོན་འགོ་འཛིན་དང་ ཀོ་ཝིཊ-༡༩གི་འགོ་འཛིན་ཚུ་ལུ་སྙན་ཞུ་འབད་བཅུག་དགོ
      • བཅའ་མར་གཏོགས་མི་ཚུ་ལུ་ གལ་སྲིད་ ནད་རྟགས་ཡོདཔ་དང་ འཕྲལ་ཁམས་ ༼ཉིནམ ༡༤གི་ནང་འཁོད༽ ཀོ་ཝིཊ-༡༩གི་ ཉེན་ཁ་ཡོདཔ་འཐོན་པ་ཅིན་ དུས་སྟོན་དང་ མི་འཛོམས་ས་འགྱོ་ནི་མེད་པའི་ བསླབ་སྟོན་བྱིན་དགོ
      • ལས་བྱེདཔ་དང་ བཅའ་མར་གཏོགས་མི་ དེ་ལས་ མི་ཚུ་ལུ་ ཀོ་ཝིཊ-༡༩ལས་བརྟན་ ཉེན་ཁ་ཡོད་སའི་ས་ཁོངས་ཚུ་ནང་འགྱོ་ནི་ལས་ ཆ་མེད་དང་འཛེམ་ནིའི་དོན་ལུ་ ཁྱབ་བསྒྲགས་འབད་དགོ  ༼དཔེར་ན་ དུས་ཚོད་ཚད་ཅིག་ལས་ལག་ལེན་འཐབ་མ་ཆོགཔ།༽
      • དུས་སྟོན་ལས་བྱེདཔ་དང་ བཅའ་མར་གཏོགས་མི་ཚུ་དང་ ཀོ་ཝིཊ-༡༩གི་སྐོར་ལས་ བརྡ་དོན་སྤྲོདཔ་ད་ སྐད་ཡིག་དང་ ལམ་སྲོལ་ དེ་ལས་ དབང་པོ་སྐྱོན་ཞུགས་དང་འབྲེལ་བའི་གནད་དོན་སེམས་ཁར་བཞག་དགོ་  འབྲེལ་ཚོགས་མ་འདྲཝ་་ཚུ་གི་ཧ་གོ་ཚུགས་ནིའི་དོན་ལུ་དང་ སྒྲིག་བཀོད་དང་ སྐད་ཡིག་སྣ་ཚོགས་ནང་བཟོ་སྟེ་ དམིགས་བསལ་གྱི་བརྡ་དོན་བཟོ་དགོ
      • སྐད་རིགས་དང་ ལམ་ལུགས་སྣ་ཚོགས་ཀྱི་མི་དང་གཅིག་ཁར་འབྲེལ་བ་འཐབ་ཚུགས་སྐོར་ལས་ ཁ་གསལ་སྦེ་ཤེས་དགོ:ཁྱོད་རའི་འབྲེལ་ཚོགས་.ཀྱི་སྐོར་ལས་ཤེས་དགོཁྱོད་ཀྱི་ཚབས་ཆེན་གྱི་དུས་ཚོད་སྐབས་ལུ་ ལས་བྱེདཔ་དང་གཅིག་ཁར་འབྲེལ་བ་འཐབ་ནིའི་སྐོར་ལས་ཁ་གསལ་སྦེ་ཧ་གོ་ཚུགས།ཚབས་ཆེན་དུས་ཚོད་བརྒྱུད་འབྲེལ་གྱི་འཆར་གཞི། external icon
  • ངལ་གསོའི་སྲིད་བྱུས།
    • ལས་བྱེདཔ་ཚུ་ན་བའི་སྐབས་དང་ ཁྱིམ་ནང་སྡོད་ནི་དང་ ཉེན་ཁ་ཡོདཔ་ ནདཔ་བདག་འཛིན་འཐབ་སྡོད་པའི་སྐབས་ གལ་སྲིད་ སློབ་གྲྭ་དང་ ཨ་ལོ་གཅེས་སྐྱོང་ལྟེ་བ་ཚུ་སྒོ་བསྡམ་པ་ཅིན་ སྟབས་བདེ་བའི་ངལ་གསོའི་སྲིད་བྱུས་བཟོ་ནི་དང་ བྱ་སྟབས་བདེ་བའི་ལམ་ལུགས་ལརག་ལེན་འཐབ་སྟེ་ ལས་བྱེདཔ་ཚུ་ཁྱིམ་ནང་སྡོད་ནིའི་གོ་སྐབས་བཟོ་དགོ
    • ངལ་གསོ་དང་ ཁྱིམ་ནང་སྡོད་དེ་གློག་རིག་གི་ཐོག་ལས་ལཱ་འབད་ནི་ དེ་ལས་ ལས་བྱེད་པའི་རྒུད་འཐུས་ཚུ་ དབྱེ་ཞིབ་འབད་དེ་བསྐྱར་ཞིབ་འབད་དགོ
    • འབྲེལ་ཡོད་སྲིད་བྱུས་ཚུ་ལས་བྱེདཔ་ཚུ་ལུ་སྙན་ཞུ་འབད་དགོ
  • ལྷན་ཐབས་ལས་བྱེད་པའི་འཆར་གཞི།
    • ལས་བྱེདཔ་ཆད་ལུས་ཡོད་ག་མེད་བལྟ་རྟོག་འབད་ནི་དང་ ལས་བྱེདཔ་ཚུ་ལཱ་སྣ་ཚོགས་ནང་སྦྱོང་བརྡར་བྱིན་ནི་ དེ་ལས་ སྦྱོང་བརྡར་ཡོད་པའི་ ལྷན་ཐབས་ལས་བྱེད་པའི་རེའུ་མིག་བཟོ་དགོ
    • ལས་བྱེདཔ་ལུ་ནད་གཞི་ ཀོ་ཝིཊ-༡༩ཟུན་པ་ཅིན་ ལོག་ལཱ་ནང་འོང་ནིདང་ དུས་སྟོན་མཐུན་རྐྱེན་ཚུ་གི་སྲིད་བྱུས་བཟོ་དགོསི་ཌི་སི་གི་ཚད་གཞི་དང་བསྟུན་ ཁྱིམ་ནང་ཟུར་བཞག་འབད་མ་དགོཔ་ དང་ ཟུར་རྟག་གི་སྐོར་ལས་ སྲིད་བྱུས་ཚུ་ལུ་སྙན་ཞུ་འབད་དགོ
  • ལས་བྱེདཔ་སྦྱོང་བརྡར།
    • ལས་བྱེདཔ་ཚུ་ལུ་ ཉེན་སྲུང་ལམ་སྟོན་གྱི་སྦྱོང་བརྡར་བྱིན་དགོཚོང་འབྲེལ་དང་ ལཱ་གཡོག་སྤྲོད་མིའི་སི་ཌི་སི་གི་གནས་སྐབས་ལམ་སྟོན་འདི་ ལག་ལེན་འཐབ་དགོ
    • བར་ན་ས་སྟོང་བཞག་ནིའི་དོན་ལུ་སྦྱོང་བརྡར་ཚུ་གློག་རིག་མཉེན་ཆས་ཀྱི་ཐོག་ལས་འགོ་འདྲེན་འཐབ་དགོ།
    • སྦྱོང་བརྡར་ཚུ་ངོ་བོའོ་སྦེ་འབད་དགོ་པ་ཅིན་ བར་ན་ས་སྟོང་བཞག་དགོ་ སྟབས་བདེ་སྡུག་དང་འཁྲིལ་ གློག་རིག་མཉེན་ཆས་སྦྱོང་བརྡར་འདི་ འབུ་ནད་ཚད་འཛིན་འབད་ནི་དྲག་ཤོས་ཅིག་ཨིན།
  • རྟགས་མཚན་དང་ ནད་རྟགས་ ངོས་འཛིན།
    • སྟབས་བདེ་བ་ཅིན་ ཉིན་ལྟར་བཞིན་དུ་ ལས་བྱེདཔ་དང་ དེ་ཁར་འཛོམས་མི་ཚུ་གི་གསོ་བའི་འཕྲོད་བསྟེན་༼དྲོད་ཤུགས་དང་  ནད་རྟགས༽བརྟག་ཞིབ་ཚུ་ ཁྲིམས་ལུགས་དང་འཁྲིལ་ ཉེན་སྲུང་དང་ གུས་པའི་སྒོ་ལས་འབད་དགོ
    • དུས་སྟོན་བདག་སྐྱོང་གིས་ སི་ཌི་སི་གི་སྤྱིར་གཏང་ཚོང་འབྲེལ་གྱི་བརྡ་དོན་ ལམ་སྟོན་དང་འཁྲིལ་དཔེར་ན་ ཕྱི་སེལ་རྐྱབ་ནིའི་ལམ་ལུགས་ལག་ལེན་འཐབ་དགོ
  • མཐུན་རྐྱེན་ རུབ་སྤྱོད་ནི།
    • གཞན་མི་ལས་སྡེ་ དུས་སྟོན་གྱི་ས་ཁོངས་རུབ་སྤྱོད་ནི་དང་ འདི་རང་ལག་ལེན་འཐབ་མི་ཚུ་ལུ་ ཡངས་ཆགས་དེ་ར་གནས་དགོཔ་དང་ གཅིག་ཁར་ལག་ལེན་འཐབ་ནི་ ག་དེ་དྲག་དྲག་མར་ཕབ་འབད་དགོཔ།
  • གདོང་ལེན་་འབད་ནི་དང་ བཟོད་བསྲན་ལུ་རྒྱབ་སྐྱོར་འབད་དགོ
    • ལས་བྱེདཔ་ཚུ་གི་ ཟས་བཅུད་ཡོད་པའི་བཞེས་སྒོ་བཟའ་ནི་དང་ ལུས་སྦྱོང་ ཞག་ལེགས་ཤོམ་སྦེ་ཉལ་ནི་ དེ་ལས་ སེམས་ལུ་ཞི་བདེ་ཡོདཔ་བཟོ་ནི་ཡར་རྒྱས་གཏང་དགོ
    • ལས་བྱེདཔ་ཚུ་ལུ་ རང་གི་བློ་གཏད་པའི་མི་ལུ་རང་གི་ཚ་གྱངས་དང་ བསམ་ཐངས་ཀྱི་སྐོར་ལས་བཤད་ནིའི་བློ་སྟོབས་བྱིན་དགོ
    • རྒྱལ་ཡོངས་དཀའ་ངལ་ཐད་ཀར་ཨང་གི་དོན་ལུ་ ༡-༨༠༠-༩༨༥-༥༩༩༠ གི་ཐོག་ལས་ བརྒྱུད་འཕྲིན་ ཡང་ཅིན་ ཡིག་འཕྲིན་གྱི་ཐོག་ལས་འབྲེལ་བ་འཐབ་གནང་། རྒྱལ་ཡོངས་ནང་འཁོད་གཙུབ་སྤྱོད་ ཐད་ཀར་ཨང་ ༡-༨༠༠-༧༩༩-༧༢༣༣ དང་ ཊི་ཊི་ཝའི་ ༡-༨༠༠-༧༨༧-༣༢༢༤ དེ་ལས་ རྒྱལ་ཡོངས་རང་སྲོག་རང་གཅད་བཀག་ཐབས་སྲོག་ལམ་ ༡-༨༠༠-༢༧༣-བློ་སླབ་ནི-༼༨༢༥༥༽​
  • དུས་སྟོན་མཇུག་བསྡུ་སྟེ་ ཉམས་མྱོང་འཐོབ་ཡོད་མི།
    • གློ་བུར་དྲག་སྤྱོད་འགོ་འདྲེན་པ་དང་ འཆར་གཞི་སྡེ་ཚན་དང་ཞལ་འཛོམས་རྐྱབ་སྟེ་ དུས་སྟོན་ས་ཁོངས་དང་ ཉམས་མྱོང་འཐོབ་ཡོད་མི་ཚུ་གྲོས་བསྟུན་འབད་དགོ
    • གལ་སྲིད་ དུས་སྟོན་ཚུ་ལོག་འགོ་བཙུགས་པ་ཅིན་ འཆར་གཞི་ཡར་རྒྱས་གཏང་ནི་དང་ འགོ་བཙུགས་ནིའི་བྱ་རིམ་ཚུ་ གཏེན་འབེབས་འབད་དགོ
    • མངའ་སྡེ་དང་ ས་གནས་ཀྱི་གནས་སྟངས་དང་ བཀའ་རྒྱ་དང་བསྟུན་ རང་སོའི་འཆར་གཞི་ཚུ་དུས་མཐུན་འབད་དགོ

ག་འབད་རུང་ ན་བ་ཅིན་སྒྲ་སྒྲིག་འབད་དགོ

དུས་སྟོན་འཆར་གཞི་རྩམ་མི་ཚུ་གིས་ མི་ཚུ་ན་བའི་སྐབས་ཀྱི་སྐོར་ལས་སེམས་ཁར་བཞག་སྟེ་ ཐབས་ཤེས་རྩམ་དགོ

  • དཔ་ཚུ་ལུ་ ཁྱིམ་ནང་ཟུར་བཞག་གི་ཚན་གཞི་སྐོར་ལས་བསླབ་སྟོན་འབད་དགོ
  • འཕྱག་ནི་དང་ ཕྲ་འབུཔ་སྲོག་ཆགས་ མེདཔ་བཟོ་ནི།
    • ནདཔ་གི་ལག་ལེན་འཐབ་མི་ས་ཁོངས་འདི་ སྒོ་བསྡམབཞག་དེ་ འཕྱག་ནི་དང་ ཕྲ་འབུཔ་སྲོག་ཆགས་  མེདཔ་བཟོ་ནིཚུན་ ༼ཆ་ཅས་ཚུ་བརྩིས་ཏེ་ ཕྱི་ཁའི་ས་ཁོངས་༽ལག་ལེན་འཐབ་ནི་མི་འོང་།
    • འཕྱག་ནི་དང་ ཕྲ་འབུཔ་སྲོག་ཆགས་ མེདཔ་བཟོ་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༢༤སྒུག་དགོགལ་སྲིད་དུས་ཡུན་ཆུ་ཚོད་༢༤འདི་མ་སྲིད་པ་ཅིན་ ག་དེ་དྲག་དྲག་སྒུག་དགོའཕྱག་ནི་དང་ ཕྲ་འབུཔ་སྲོག་ཆགས་ མེདཔ་བཟོ་ནིའི་ཐོན་དངོས་ཚུ་ ཨ་ལོ་ཚུ་གི་བདའ་མ་ཟུན་ས་ བཞག་ནི་ བརྩིས་ཏེ་ བསྲུང་བཞག་ནི་ཉེན་སྲུང་དང་ཚུལ་མཐུན་ལག་ལེན་ འཐབ་ནིངེས་བརྟན་བཟོ་དགོexternal icon

ཤོག་ཁྲམ་ནང་བཀོད་དེ་ཡོད་པའི་ ཡངས་ཆག་ཚུ་བསྐྱར་ཞིབ་འབད་དེ་ ལས་བྱེདཔ་དང་ ཁས་བླངས་པ་ དེ་ལས་ དེ་ནང་འཛོམས་མི་ཚུ་སྲུང་སྐྱོབ་འབད་ནིའི་དོན་ལུ་ ལས་རིམ་གྱི་འཆར་གཞི་རྩམ་མི་དང་ བདག་སྐྱོང་ཚུ་གིས་ སི་ཌི་སི་ཨེས་ ལས་རིམ་དང་ སྒྲ་སྒྲིག་གི་འཛོམས་འདུ་དང་ འཆར་གཞིའི་ཐབས་ལམ་pdf iconལག་ལེན་འཐབ་དགོ

གཞན་མི་མཐུན་རྐྱེན།