Skip Global Navigation to Main Content
Skip Breadcrumb Navigation
ཨ་རིའི་ལམ་ཡིག

ཨ་རིའི་ལམ་ཡིག་ཞབས་ཞུ།

རྒྱ་ནག་གི་མི་དམངས་དག་ཨ་རིར་ཕེབས་པར་དགའ་བསུ་ཞུ། ༢༠༠༩ལོར་མི་ཁྲི་༥༠་ལྷག་རྒྱ་ནས་ཨ་རིར་ཕེབས་པ་དང་མང་ཆེ་ཤོས་ལ་ཨ་རིའི་ལམ་ཡིག་ཐོབ་པར་དཀའ་ངལ་བྱུང་མི་འདུག

ཁྲིན་ཏུའི་ཨ་རིའི་གཞུང་ཚབ་ཁང་གིས་ཨ་རིའི་ལམ་ཡིག་ལེན་སྟངས་སྐོར་ཀྱི་གནས་ཚུལ་དག་ཁ་གསལ་དང་གོ་བདེར་གཏོང་བཞིན་ཡོད། གཞུང་ཚབ་དྲ་ངོས་སུ་ལམ་ཡིག་ལེན་སྟངས་སྐོར་ཀྱི་རྒྱུད་རིམ་དང་གྲ་སྒྲིག་བྱེད་ཐབས་སོགས་ཆ་ཚང་ཁ་གསལ་ངང་བཀོད་ཡོད།

ཨ་རིར་སློབ་སྦྱོང་དང་ཚོང་དོན།  ཡུལ་སྐོར་སོགས་ལ་འགྲོ་བའི་བོད་པ་མང་ནས་མང་དུ་འགྲོ་བཞིན་འདུག་ལ། ལྷ་སའི་ཨ་རིའི་དྲ་འབྲེལ་གཞུང་ཚབ་ཁང་གིས་ཨ་རིའི་ལམ་ཡིག་སོགས་འབྲེལ་ཡོད་ལས་རིགས་སྐོར་ལ་ཞབས་ཞུ་མང་དུ་བསྒྲུབ་རྒྱུ་ཡིན།  ཨ་རིའི་ལམ་ཡིག་སྐོར་ཀྱི་ཡིག་ཆ་འདིར་གཟིགས། 

ལྷ་སའི་ཨ་རིའི་དྲ་འབྲེལ་གཞུང་ཚབ་ཁང་གི་དྲ་ངོས་སུ་ལྷ་ས་ནས་ཨ་རིའི་ལམ་ཡིག་སྐོར་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བའི་དུས་ཚོད་དང་འཆར་གཞི་བཀོད་ཡོད།

གསལ་བསྒྲག

ཨ་རིའི་གཞུང་ཚབ་ལ་མི་སྒེར་དང་ཚོགས་པ་སུ་ལ་ཡང་དམིགས་བསལ་གྱི་འབྲེལ་བ་མེད་ལ་ཨ་རིའི་ལམ་ཡིག་ལེན་པར་དམིགས་བསལ་གྱི་རོགས་སྐྱོར་ཡང་བྱེད་སྲོལ་མེད།  མི་སུ་ཡིན་ཡང་ཨ་རིའི་ལམ་ཡིག་ཐོབ་མིན་ལ་ཁག་ཐེག་བྱེད་མི་ཐུབ། ཨ་རིའི་གཞུང་ཚབ་ཁྲིན་ཏུའི་གཞུང་ཚབ་ལམ་ཨང་བཞི་པར་ཡོད་ལ་ཨ་རིའི་ལམ་ཡིག་རེའུ་མིག་ཚང་མ་རིན་མེད་དུ་ལེན་ཐུབ། གཟབ་གཟབ་བྱེད་རྒྱུ་ཞིག་ལ་ཚོགས་པ་ལ་ལས་ཨ་རིའི་ལམ་ཡིག་ལེན་མཁན་ཚོར་ཡིག་ཆ་རྫུན་མ་སོགས་སྤྲད་ནས་མགོ་སྐོར་གཏོང་བཞིན་ཡོད་ལ། མི་ཁ་ཤས་མགོ་སྐོར་འོག་ཚུད་ནས་དངུལ་མང་པོ་ཤོར་འགྲོ་བ་མ་ཟད་ཨ་རིར་ཡང་གཏན་ནས་འགྲོ་ཐུབ་ཀྱི་མེད།  ཨ་རིའི་ལམ་ཡིག་སྐོར་ལ་འདིར་གཟིགས།