Skip Global Navigation to Main Content
Skip Breadcrumb Navigation
Skip Left Navigation
ཁྲིན་ཏུའི་ཨ་རིའི་གཞུང་ཚབ་ཁང་ཨ་རིའི་མི་སེར་ཞབས་ཞུ་ལྟེ་གནས།

ཨ་རིའི་མི་སེར་ཞབས་ཞུ་ལས་དོན་ནི་ཁྲིན་ཏུའི་ཨ་རིའི་གཞུང་ཚབ་ཁང་གི་ལས་འགན་གལ་ཆེན་ཞིག་ཡིན།  ཞབས་ཞུ་ལྟེ་གནས་ནས་ཨ་རིའི་མི་སེར་རྣམས་ལ་ཕྱིར་འགྲིམ་ཡིག་ཆ་གསར་བཟོ་དང་ཕྲུ་གུ་སྐྱེ་ཡིག   ད་དུང་ཁྲལ་དང་འདེམས་ཤོག་འཕེན་ཡིག་སོགས་འབྲེལ་ཡོད་ཡིག་ཆ་མཁོ་སྤྲོད་བྱེད་ཐུབ།  དེ་མིན་ཨ་རིའི་མི་སེར་ལ་རྒྱ་ནག་གི་ཡུལ་སྐོར་ལམ་ཡིག་དང་རྒྱ་ནག་དུ་ཡོད་པའི་ཨ་རིའི་མི་སེར་གྱི་གྲོགས་པོ་དང་ནང་མི་སོགས་ལ་ཨ་རིའི་ཡུལ་སྐོར་ལམ་ཡིག་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱེད་ཐུབ།

ང་ཚོས་རྒྱ་ནག་ལྷོ་ནུབ་ས་ཆར་ཡོད་པའི་ཨ་རིའི་མི་སེར་རྣམས་ལ་ཁྲིན་ཏུའི་ཨ་རིའི་གཞུང་ཚབ་ཁང་དུ་ཐོ་འགོད་བྱེད་པར་སྐུལ་མ་བྱེད་བཞིན་ཡོད།  ཐོ་བཀོད་ཡིག་ཆ་ལྟར་ང་ཚོས་ཨ་རིའི་མི་སེར་རྣམས་ལ་བདེ་འཇགས་སོགས་འབྲེལ་ཡོད་གནས་ཚུལ་གལ་ཆེན་སྐོར་ངོ་སྤྲོད་བྱེད་ཐུབ་ལ་དོན་དག་གལ་ཆེན་ཡོད་དུས་ཕན་ཚུན་འབྲེལ་བ་བཟོ་ཐུབ།  མི་སེར་ཐོ་འགོད་ཡིག་ཆའི་ནང་དོན་ཚང་མ་གཞུང་ནས་བདག་དམ་ལེགས་པོ་བྱེད་ཐུབ་ལ་གཞན་ལག་ཏུ་མི་ཤོར་བའི་ཁག་ཐེག་ཡོད།   ཐོ་འགོད་བྱེད་ས་འདིར་གཟིགས་་ཡང་ན་ལྷ་སའི་ཨ་རིའི་མི་སེར་ཞབས་ཞུ་མི་སྣར་འབྲེལ་བ་གནོངས།

ཁྲིན་ཏུའི་ཨ་རིའི་གཞུང་ཚབ་ཁང་གི་ཨ་རིའི་མི་སེར་ཞབས་ཞུ་པ་རྒྱ་ནག་གི་གྲོང་ཁྱེར་སོ་སོར་ནམ་རྒྱུན་མི་སེར་ཞབས་ཞུའི་ལས་དོན་སྒྲུབ་པར་འགྲོ་བཞིན་ཡོད།ཞབས་ཞུ་པ་ལྷ་སར་འགྲོ་བའི་དུས་ཚོད་དང་འཆར་གཞི་སོགས་དྲ་ཚིག་དུ་བཀོད་ཡོད་ལ།  གལ་ཏེ་ཁྱེད་རང་མི་སེར་ཞབས་ཞུ་སྐོར་གྱི་ཚོགས་འདུ་ལ་ཞུགས་འདོད་ཡོད་ན་སྔོན་ལ་ཨ་རིའི་གཞུང་གི་དྲ་ཚིག་དུ་མིང་ཐོ་འགོད་རོགས།

ཁྲིན་ཏུའི་ཨ་རིའི་གཞུང་ཚབ་ཁང་གི་ཨ་རིའི་མི་སེར་ཞབས་ཞུའི་གནས་ཚུལ་ཁ་གསལ་སྐོར་འདིར་གཟིགས་རོགས།

ཨ་རིའི་མི་སེར་དག་འཛམ་གླིང་ཡུལ་གྲུ་ཁག་ལ་ཡུལ་སྐོར་དུ་འགྲོ་དུས་མཉམ་འཇོག་བྱེད་དགོས་རྒྱུ་འདིར་གཟིགས།

དོན་རྐྱེན་ཚབ་ཆེན་སྐོར།

ཁྲིན་ཏུའི་ཨ་རིའི་གཞུང་ཚབ་ཁང་གི་ཨ་རིའི་མི་སེར་ཞབས་ཞུ་ལྟེ་གནས་ནས་ཨ་རིའི་མི་སེར་ལ་ནད་བྱུང་པ་དང་འཛིན་བཟུང་བྱས་པ་སོགས་དོན་རྐྱེན་ཚབ་ཆེན་བྱུང་དུས་རོགས་རམ་བྱེད་ཐུབ།  འབྲེལ་བ་བྱེད་ཡུལ་༠༢༨ -༨༥༥༨-༣༩༩༢གཟའ་ཉི་མ་སོགས་ངལ་གསོའི་སྐབས་འབྲེལ་བ་བྱེད་ཡུལ་༡༣༧-༠༨༠༠-༡༤༢༢