Skip Global Navigation to Main Content
Skip Breadcrumb Navigation
ངོ་སྤྲོད།
ཨ་རིའི་ཁྲི་ཏུའི་གཞུང་ཚབ་ཁང་གཏོགས་ས་ཁྲ།

ཨ་རིའི་ཁྲི་ཏུའི་གཞུང་ཚབ་ཁང་གཏོགས་ས་ཁྲ།

ལྷ་སའི་ཨ་རིའི་དྲ་འབྲེལ་གཞུང་ཚབ་ཁང་ལ་གཟིགས་པར་དགའ་བསུ་ཞུ། ལྷ་སའི་ཨ་རིའི་དྲ་འབྲེལ་གཞུང་ཚབ་ཁང་ནི་ཁྲིན་ཏུའི་ཨི་རིའི་གཞུང་ཚབ་ཁང་གི་ཨ་རིའི་ཕྱི་འབྲེལ་པ་དང་ས་གནས་ལས་གཉེར་པ་ཁ་ཤས་ཀྱིས་ཨ་རི་དང་ལྷ་ས་གཙོས་བོད་ཡུལ་ས་གནས་ཁག་གི་འབྲེལ་བ་དམ་དུ་གཏོང་ཆེད་གསར་བཟོ་བྱས་པ་ཡིན། ལྷ་སའི་ཨ་རིའི་དྲ་འབྲེལ་གཞུང་ཚབ་ཁང་གིས་ལྷ་ས་ནས་ཨ་རིའི་མི་སེར་ཞབས་ལ་ཞབས་ཞུ་དང་། ཨ་རི་དང་ལྷ་སའི་མི་དམངས་བར་གྱི་འབྲེལ་བ་དམ་དུ་གཏོང་ཆེད་ལས་དོན་སྣ་ཚོགས་སྤེལ་རྒྱུ་ཡིན།

ང་ཚོའི་རེ་བ་ནི་ཨ་རིའི་ཕྱི་འབྲེལ་པ་དངོས་སུ་ལྷ་སར་སོང་ནས་ལྷ་སའི་མི་དམངས་ལ་ཨ་རིའི་ཡུལ་སྐོར་ལམ་ཡིག་ལེན་སྟངས་དང་ཨ་རི་ནས་ཚོང་དོན་སྒྲུབ་ཐབས་སོགས་ངོ་སྤྲོད་བྱེད་རྒྱུ་དང་། ཨ་རིའི་གསར་འགྱུར་དང་རིག་གནས་དུས་ཆེན་སོགས་ངོ་སྤྲོད་བྱས་པ་རྒྱུད་ནས་ཨ་རི་དང་ལྷ་ས་གཙོས་བོད་ཡུལ་ས་གནས་ཁག་གི་འབྲེལ་བ་དམ་དུ་གཏོང་རྒྱུ་དེ་ཡིན། ང་ཚོས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་ཕྱིར་ཁྱེད་རང་དང་ལྷ་ས་ནས་ཡང་ན་དྲ་ཚིག་ཐོག་ནས་མཇལ་རྒྱུའི་རེ་བ་ཡོད།

དྲ་གནས་འདིས་རང་རེའི་མ་འོང་མདུན་ལམ་དང་ཕན་ཚུན་མཉམ་འབྲེལ་གྱི་ཐབས་ལམ་འཚོལ་བཞིན་ཡོད་ལ། ཁྱེད་ཀྱིས་དྲ་གནས་འདིར་དྲི་བ་དང་བསམ་འཆར་གདོན་པར་དགའ་བསུ་ཞུ།

ཁྱེད་ཀྱིས་ནམ་རྒྱུན་དྲ་གནས་འདིར་ཡོད་པའི་ང་ཚོའི་ལྷ་སའི་གནས་ཚུལ་སྐོར་ལ་དོ་སྣང་བྱེད་རོགས་གནོངས། གལ་སྲིད་ཁྱེད་ལ་ཨ་རིའི་སྲིད་ཇུས་དང་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་སྐོར་ཀྱི་ཡིག་ཆ་དགོས་ན་ཁྲིན་ཏུའི་ཨ་རིའི་གཞུང་ཚབ་ཁང་གི་དྲ་ངོས་གཙོ་བོ་ལ་གཟིགས་རོགས། གལ་སྲིད་ཁྱེད་ལ་ཨ་རིའི་ལམ་ཡིག་ལེན་སྟངས་སོགས་ཀྱི་ཡིག་ཆ་དགོས་ན་ཡང་ཁྲིན་ཏུའི་ཨ་རིའི་གཞུང་ཚབ་ཁང་གི་དྲ་ངོས་གཙོ་བོ་ལ་གཟིགས་རོགས།